བཀྲ་ཤིས་གདན་ལ་བཞུགས་ཞེས་པའི་སྐབས་ཀྱི་གདན་དེ་གང་ལ་ངོས་འཛིན་དགོས།
སྤེལ་མཁན། Jzschool
ཡོངས་ཁུངས། ཤེས་རབ་རྒད་པོའི་འབེལ་གཏམ།
རྡེབ་ཚད།
སྤེལ་དུས། 10/03/06
བཀྲ་ཤིས་གདན་ལ་བཞུགས་ཟེར་ན། སྐབས་འདིའི་བཀྲ་ཤིས་ལ་བཞུགས་པ་པོ་ཞེས་པའི་མིང་ཙམ་འདོགས་རུང་མོད། བཀྲ་ཤིས་ཁོ་རང་ལས་བཞུགས་བྱའི་དངོས་པོ་གཞན་ཞིག་མེད་པས་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཏུ་གྱུར་པ་རེད། སྐབས་འདིའི་གདན་ནི་བཞུགས་པའི་བྱ་བ་བྱེད་སའི་གནས་གཞི་ཙམ་ཡིན་པ་ལས། བྱ་བ་བསྒྲུབ་པའི་ཡུལ་ལ་ལས་ཀྱི་དངོས་པོ་ཞེས་པའི་དངོས་པོ་གཞན་དེ་མིན་ནོ།།
འདི་ཡང་གསལ་བོར་བཤད་ན། བཀྲ་ཤིས་གདན་ལ་བཞུགས་ཞེས་པ་འདིས་བཀྲ་ཤིས་ཁོ་རང་བཞུགས་པའི་བྱ་བ་བྱས་པར་སྟོན་པ་ཙམ་ལས་བཀྲ་ཤིས་ཀྱིས་གདན་ཡུལ་དུ་བྱས་ནས་དེ་ལ་བྱ་བ་གཞན་ཞིག་བྱས་པར་སྟོན་པ་མིན་པས། བཞུགས་པ་པོ་བཀྲ་ཤིས་དང་བཞུགས་བྱའི་གདན་ཞེས་སྦྱོར་མི་རུང་བ་ཤིན་ཏུ་གསལ་ལོ།།
བཀྲ་ཤིས་ཀྱིས་གདན་ཁྱེར་ཟེར་ན་མི་འདྲ་སྟེ། འདིས་བཀྲ་ཤིས་ཀྱིས་གདན་བྱ་ཡུལ་དུ་བྱས་ནས་དེ་ཁྱེར་བའི་བྱ་བ་གཞན་ཞིག་བྱས་པར་སྟོན་པས། བཀྲ་ཤིས་བྱེད་པ་པོ། གདན་ལས་ཀྱི་དངོས་བོ། ཁྱེར་བ་བྱ་བར་འཇོག་པ་སྟེ། འཁྱེར་པ་པོ་བཀྲ་ཤིས་དང་། འཁྱེར་བྱའི་གདན་སོགས་སུ་དབྱེ་ནས་བྱ་བྱེད་ཐ་དད་པའི་ལས་ཚིག་དུ་བཞག་པ་ཡིན་ནོ།། ༼ལན་འདེབས་མཁན་བཤད་སྒྲུབ་རྒྱ་མཚོ་ཡིན།༽ |