བྱེད་སྒྲ་དང་འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་ལ་དབྱེ་བ་ཡོད་དམ་མེད། ཡོད་ན་གང་ཡིན།
གོང་གསལ་དྲི་བ་འདི་ལ་བརྟགས་ན་དོན་གཉིས་ལས་མ་འདས་ཏེ། དང་པོ། བྱེད་སྒྲ་དང་འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་ལ་ཁྱད་པར་ཡོད་མེད་འདྲི་འདོད་པ་ལ་“དབྱེ་བ་ཡོད་མེད་”ཅེས་གསལ་ཁ་མེད་པའི་ཚིག་སྐྱོན་ཤོར་བ་དང་། གཉིས་པ། “ཕྲད་སྦྱོར་ཚུལ”དང་“དབྱེ་བ”ཞེས་པའི་དོན་ལ་གོ་བ་ལེན་ཚུལ་གྱི་བློ་རྩེ་་གཏོད་ས་མ་འདྲ་བས་ལྟ་ཚུལ་མི་མཐུན་པ་བྱུང་བར་མངོན་ཏེ། ལ་ལས་བྱེད་འབྲེལ་ཕྲད་ཀྱི་ཡི་གེ་བསྡུས་མ་བསྡུས་ལ་བསམས་ནས་དང་། ལ་ལས་དོན་གྱི་ཁྱད་པར་ལ་བསམས་ནས་ཁྱད་པར་ཡོད་ཅེས་དང་། ལ་ལས་ཡི་གེའི་ཐོབ་ཐང་ལ་བསམས་ནས་ཁྱད་པར་མེད་ཅེས་བཤད་པ་རེད། དེ་དག་གོ་བའི་གནད་མི་གཅིག་པས་ཕན་ཚུན་འགལ་བ་མེད་ཀྱང་། “བྱེད་སྒྲ་དང་འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་ལ་ཁྱད་པར་ཡོད་མེད ”ཅེས་པའི་ངོ་གདོང་གི་དོན་ལྟར་ན་སྒྲའམ་ཡི་གེའི་ཐོབ་ཐང་སྟེང་ན་ཁྱད་པར་ཡོད་དམ་མེད་ཅེས་པའི་དོན་དུ་གོ་དགོས་པར་སྣང་ལ། བྱེད་འབྲེལ་ཡི་གེའི་ཐོབ་ཐང་སྟེང་ན་ཁྱད་པར་མེད་ཚུལ། རྩ་བར། དང་པོ་གཉིས་ལ་དང་པོ་མཐུན། ཞེས་པ་ནས་དེ་དག་ཨི་སྦྱར་འབྲེལ་བའི་ས། ཞེས་པའི་བར་གྱིས་འབྲེལ་སྒྲའི་ཐོབ་ཐང་བསྟན་ཅིང་། དེ་ཉིད་ལ་ནི་བཅུ་བ་སྦྱར། བྱེད་པ་པོ་རུ་ཤེས་པར་བྱ། ཞེས་པའི་དེ་ཉིད་ལ་ནི་ཞེས་པས་བྱེད་སྒྲའི་ཐོབ་ཐང་འབྲེལ་སྒྲ་དང་མཚུངས་པར་བསྟན་ལ། བཅུ་བ་སྦྱར་ཞེས་པས་འབྲེལ་སྒྲ་ལ་ས་སྦྱར་བས་བྱེད་སྒྲར་གྱུར་པ་བསྟན་པ་རེད། བྱེད་འབྲེལ་ཐོབ་ཐང་མཚུངས་ཀྱང་རྣམ་དབྱེའི་སྒྲའི་མཚན་མ་ལ་ཁྱད་པར་ཡོད་དེ། འབྲེལ་སྒྲར་ས་མེད་ལ་བྱེད་སྒྲ་ལ་ས་ཡོད་པའི་ཕྱིར། དེས་ན་འབྲེལ་སྒྲ་ལ་དངོས་དང་ས་ཡིག་ལ་བྱེད་སྒྲའི་ཚབ་ཟེར་བ་མི་འགྲིག་སྟེ། བྱེད་པའི་ཁྱད་ཆོས་ས་ལས་ཐོན་པས་ས་བྱེད་པའི་རྣམ་དབྱེ་དངོས་ཡིན། ཡི་གེའི་ལག་ལེན་ལ་འ་རྗེས་འཇུག་དོར་ན་ནོར་ཉེན་ཡོད་པས་མ་དོར་བ། མདའ། དཔའ། མཁའ། བཅའ། ལྟ་བུ་དང་། འ་རྗེས་འཇུག་མེད་ཀྱང་ནོར་འཁྲུལ་མི་འབྱུང་བ། ཁ། ང་། ཆ། ཇ། ལྟ་བུ་ལ་བྱེད་སྒྲ་སྦྱར་ཚེ། བྱེད་འབྲེལ་སྤྱི་མཐུན་གྱི་མཚན་མ་འི་དང་། མིང་མཐའི་འ་ཡོད་ན་ཕྱིས། མེད་ན་མི་འཇོག་པར་ས་རྐྱང་བ་སྦྱར་བ་དེ། ཡི་གེའི་འབྱུང་ཁུངས་སྟེང་ནས་བཤད་ན། མཁས་ཞེས་པ། མཁའ་འིས་བསྡུས་པ་ཡིན་ཚུལ་པྲ་ཏི་དང་སི་ཏུ་སོགས་ཀྱིས་གསུངས་པ་ལྟར་ཡིན་ལ། སྐད་ཀྱི་ཆོས་ཉིད་སྟེང་ནས་བལྟས་ན། ངས་ཞེས་པ་ལྟ་བུ་འ་མཐའ་མེད་མིང་རྐྱང་གི་མཐར་ས་སྦྱར་ན་བྱེད་སྒྲ་སྟོན་ཐུབ་པས། ས་དེ་བྱེད་སྒྲ་མཚོན་བྱེད་ཀྱི་རྟགས་མཚན་ཞིག་ཏུ་གོ་བ་བླངས་ན་འགལ་བ་མེད་དམ་སྙམ་སྟེ། ཡི་གེའི་རི་མོ་སྐད་གསར་བཅད་ལ་ཡིག་ཟོར་ཡང་བའི་ཕྱིར་བསྡུས་ཞ |

