བྱེད་སྒྲ་དང་འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་ལ་དབྱེ་བ་ཡོད་དམ་མེད། ཡོད་ན་གང་ཡིན།
སྤེལ་མཁན། Jzschool
རྡེབ་ཚད།
སྤེལ་དུས། 10/03/06
| ེས་བཤད་རུང་མོད། ཁ་སྐད་ཀྱི་ནང་དུ་གནའ་ནས་ངས། རྟས། ཁྱིས། མདས་ལྟ་བུ་སོགས་སུ་བཤད་པའི་གོམས་སྲོལ་ཡོད་ན། ས་དེ་བྱེད་སྒྲའི་བསྡུས་རྟགས་ཡིན་མིན་བཤད་དཀའ་ཞིང་། སྐད་གསར་བཅད་ལ་སྐད་ཆ་ཡང་ལོ་ཙྰ་པ་རྣམས་ཀྱིས་ཇེ་བསྡུས་སུ་བཏང་ཞེས་ན། སྐད་ཆ་ཡི་གེ་ལ་བརྟེན་པ་ལྟ་བུ་ཞིག་ཏུ་འགྱུར་ཞིང་། དོན་གྱིས་ཡི་གེ་སྐད་ཆར་བརྟེན་པ་ལས། སྐད་ཆ་ཡི་གེ་ལ་བརྟེན་པ་མིན་པས་འཐད་དཀའ་འོ།། རྒྱུགས་ཚིག་འབྲི་སྐབས་སྒྲ་གཅིག་དོན་དུ་མར་འཇུག་པ་དང་། དོན་དེ་ལ་བཤད་ཚུལ་དུ་མ་ཡོད་པ་དང་། གོ་བ་ཇི་ལྟར་བླངས་ཀྱང་མི་འབྲེལ་བ་མེད་པ་དང་། ཐེ་ཚོམ་གྱི་གཞིར་འགྱུར་བའི་ཚིག་སོགས་ངེས་པར་སྤོང་ཅི་ཐུབ་བྱེད་དགོས་ལ། གལ་ཏེ་རྒྱུགས་ཚིག་ཏུ་ཚིག་དེ་འདྲ་ཡོད་ཚེ། འགྲིག་མི་འགྲིག་ཐག་གཅོད་དཀའ་བས་སྐད་ཚད་འཇལ་དཀའ་ཞིང་། རྩོད་གླེང་དང་བསམ་འཆར་ཡང་བཟློག་དཀའ་སྙམ་མོ།། ༼སྔར་གྱི་དྲི་བ་ཡིག་ཚོགས་མང་བར་དོགས་ནས་དཀར་ཆག་ཏུ་མ་བྲིས་པར་མཇུག་ཏུ་བཀོད་དེ་དཔྱད་གཞིར་ཕུལ་བ་འདི་ལྟར། བྱེད་སྒྲ་དང་འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་ལ་དབྱེ་བ་ཡོད་དམ་མེད། ཡོད་ན་གང་ཡིན་ཞེས་པའི་དྲི་བ་ཞིག་ཡོད་པར་རྩོད་གླེང་བྱུང་། ལ་ལས་ནམ་མཁས་ཡི་གེ་བྲིས་ལྟ་བུ་ལ་བྱེད་སྒྲའི་ཚབ་ཏུ་ས་འབྲི་བ་དང་། ནམ་མཁའི་ཡི་གེ་ལྟ་བུ་ལ་འབྲེལ་སྒྲ་དངོས་སྦྱོར་བས་ཁྱད་པར་ཡོད་ཟེར། ལ་ལས་བྱེད་སྒྲས་ཕྲད་ཀྱིས་བྱ་བ་ཞིག་བྱས་པ་སྟོན་ལ་འབྲེལ་སྒྲིས་འབྲེལ་སྒྲ་དངོས་སྦྱོར་བས་ཁྱད་པར་ཡོད་ཟེར། ལ་ལས་བྱེད་འབྲེལ་གྱི་ཕྲད་སྦྱོར་ཚུལ་ལ་དབྱེ་བ་མེད་པར་འདོད། དེ་བས་ཁྱེད་ཅག་གིས་ཡིན་མིན་གྱི་དབྱེ་བ་གསལ་བོ་ཞིག་བྱེད་པའི་རེ་བ་ཞུ། ༽ ལན་འདེབས་མཁན་དོར་ཞི་གདོང་དྲུག་སྙེམས་བློ་ཡིན། |
དཔྱད་གཏམ་ཡོངས་ལ་བལྟ་བ།

