གང་འདྲ་ཞིག་ལ་བྱ་བྱེད་ཀྱི་སྒྲ་ཤེད་མཚུངས་པ་ཟེར།

སྤེལ་མཁན། Jzschool ཡོངས་ཁུངས། ཤེས་རབ་རྒད་པོའི་འབེལ་གཏམ། རྡེབ་ཚད། སྤེལ་དུས། 10/03/06

        བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པ་དང་བྱེད་འབྲེལ་ལས་ཚིག་དོན་འདྲ་ལ། བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མི་མཚུངས་པ་དང་བྱེད་མེད་ལས་ཚིག་དོན་གཅིག་ཡིན། བྱ་བྱེད་ཐ་དད་པའི་ལས་ཚིག་དཔེར་ན། བྱ་བ་སྒྲུབ་པ་པོ། སྒྲུབ་བྱེད། སྒྲུབ་བྱེད་ཅེས་པའི་བྱེད་ཚིག་དང་། བསྒྲུབ་བྱའི་བྱ་བ། བསྒྲུབ་པར་བྱ་ཞེས་བྱ་ཚིག་གཉིས་སུ་དབྱེར་ཡོད་པས་དེ་གཉིས་ཕན་ཚུན་ཤེད་མཚུངས་པའམ་དོ་མཉམ་པས་དེ་སྐད་ཅེས་གྲགས་སོ།། བོད་སྐད་ཀྱི་ལས་ཚིག་ལ་བྱ་བ་སྒྲུབ་བཞིན་པ་ལྟ་བུ་དུས་དངོས་སུ་སྟོན་པ་ཞིག་དང་། བྱ་བ་སྒྲུབ་པ་པོ་ལྟ་བུ་དུས་མི་སྟོན་པར་བྱ་བྱེད་ཀྱི་དོན་སྟོན་པ་ཞིག་སྟེ་གཉིས་དང་། སྒྲུབ་དང་གྲུབ་ལྟ་བུ་བྱེད་པ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གཉིས་ཡོད་པས། རྟགས་འཇུག་ཏུ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་སོགས་ཀྱིས་བདག་གཞན་དང་དུས་གསུམ་གྱི་རྣམ་གཞག་གཉིས་སུ་ཕྱེ་ནས་གསུངས་པ་ཡིན་ལ། རྒྱས་པར་ཚད་ལྡན་གྱི་གཞུང་དང་སློབ་དཔོན་མཁས་པའི་གསུངས་ལས་ཤེས་པར་བྱའོ།། ལན་འདེབས་མཁན་བཤད་སྒྲུབ་རྒྱ་མཚོ་ཡིན།

Copyright 2006-2010 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།