རྐྱང་བ་འཕུལ་ལ་འ་མཐའ་དགོས།། བརྩེགས་པ་བུ་དྲུག་ཅན་ལ་སྤང་།། ཞེས་པའི་དོན་གང་ཡིན།

སྤེལ་མཁན། Jzschool ཡོངས་ཁུངས། ཤེས་རབ་རྒད་པོའི་འབེལ་གཏམ། རྡེབ་ཚད། སྤེལ་དུས། 10/03/06

         བདག་ཉིད་ཆེན་པོ་རྔོག་ལོའི་དག་ཡིག་ཉེར་མཁོ་བསྡུས་པ་ལས། རྐྱང་བ་འཕུལ་ལ་འ་མཐའ་དགོས།། བརྩེགས་པ་བུ་དྲག་ཅན་ལ་སྤང་།། ཞེས་པའི་དོན་ནི་ར་ལ་སའི་མགོ་དང་། ཡ་ར་ལ་ཝའི་འདོགས་སོགས་གང་ཡང་མེད་པའི་མིང་གཞིའི་ཡི་གེ་རྐྱང་བ་འཕུལ་དེ་སྔོན་འཇུག་ཅན་ལ་འ་ཡིག་གི་མཐའ་རྟེན་ངེས་པར་དགོས་ཏེ། གཞན་དུ་ན་མིང་གཞིའི་ཡི་གེ་དེ་རྗེས་འཇུག་ཏུ་འཁྲུལ་བ་འབྱུང་བའི་ཕྱིར། དཔེར་ན། དགའ། མདའ། འབའ་ལྟ་བུ་ལ། དག་མད། འབ། ཅེས་མཐའ་རྟེན་འ་ཡིག་དངོས་སུ་མེད་ན་དེ་འདྲའི་ག་ཡིག་དང་། ད་ཡིག་སོགས་མིང་གཞིར་གོ་མི་ནུས་ཤིང་རྗེས་འཇུག་ཏུ་འཁྲུལ་བའི་ཕྱིར་རོ།། ཡི་གེ་བརྩེགས་པ་སྒ་དང་། བརྡ་ལྟ་བུ་དང་། བུ་ཡིག་གི་གུ་དང་། ཞབས་ཀྱུ། འགྲེང་བུ། ན་རོ་བཞི་དང་། ཡ་བཏགས་དང་། ར་བཏགས་ཏེ་དྲུག་ལ་བུ་དྲུག་ཅེས་སྔོན་མ་རྣམས་ལ་གྲགས་ཤིང་། དེ་འདྲའི་བུ་དྲུག་ཅན་ནི། དཔེར་ན། འདི། དབུ། ཆེ། ཞོ། བྱ། ཕྲ་ཞེས་པ་ལྟ་བུ་རྣམས་ལ་འ་མཐའ་དངོས་སུ་སྤང་བར་བྱ་སྟེ། དེ་འདྲ་ལ་འཁྲུལ་གཞི་མེད་ཅིང་དེ་ལ་མཐའ་རྟེན་འ་ཡིག་དངོས་སུ་འཇོག་པ་སྔོན་གྱི་བརྡ་རྙིང་ལ་འབྱུང་མེད། འོན་ཀྱང་ཡིག་ཚོགས་ཆེ་བ་ལས་དགོས་པ་གཞན་ཆེར་མི་འགྲུབ་པའི་ཕྱིར་སྐད་གསར་བཅད་ལ་དོར་བ་ཡིན་ནོ།། ཞེས་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་གསུངས་པ་བཞིན་ཤེས་པར་བྱའོ།། ལན་འདེབས་མཁན་བློ་བརྟན་ཡིན།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།