བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཀྱི་ཤེས་བྱའི་རྣམ་གྲངས་འགའ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 10/12/24

སངས་རྒྱས་དཔའ་བོ་བདུན་ནི།
༡ ཤྰཀྱ་ཐུབ་པ། ༢རྣམ་པར་སྣང་གཟིགས། ༣གཙུག་ཏོར་ཅན། ༤ཐམས་ཅད་སྐྱོབ། ༥འཁོར་བ་འཇིག ༦ གསེར་ཐུབ། ༧ འོད་སྲུངས།
 དུས་གསུམ་སངས་རྒྱས་ནི།
༡ སངས་རྒྱས་འོད་སྲུངས། ༢ སངས་རྒྱས་ཤྰཀྱ་ཐུབ་པ། ༣ སངས་རྒྱས་བྱམས་པ།
མཛད་པ་བཅུ་གཉིས་ནི།
༡དགའ་ལྡན་ནས་འཕོས་པའི་མཛད་པ། ༢ལྷུམས་སུ་བཞུགས་པའི་མཛད་པ། ༣སྐུ་བལྟམས་པའི་མཛད་པ། ༤ཐུན་མོང་པའི་རིག་གནས་ལ་མཁས་པའི་མཛད་པ། ༥བཙུན་མོ་འཁོར་དགྱེས་རོལ་བའི་མཛད་པ། ༦རབ་ཏུ་བྱུང་བའི་མཛད་པ། ༧དཀའ་བ་སྤྱད་པའི་མཛད་པ། ༨བྱང་ཆུབ་སྙིང་བོར་གཤེགས་པའི་མཛད་པ། ༩བདུད་ཀྱི་སྡེ་བཅོམ་པའི་མཛད་པ། ༡༠མངོན་པར་སངས་རྒྱས་པའི་མཛད་པ། ༡༡ཆོས་འཁོར་བསྐོར་བའི་མཛད་པ། ༡༢མྱ་ངན་ལས་འདས་པའི་མཛད་པའོ།།
ཉེ་བའི་སྲས་ཆེན་བརྒྱད་ནི།
༡རྗེ་བཙུན་འཇམ་པའི་དབྱངས། ༢ འཕགས་པ་སྤྱན་རས་གཟིགས། ༣ གསང་བདག་ཕྱག་ན་རྡོ་རྗེ། ༤ རྗེ་བཙུན་བྱམས་པ་མགོན་པོ། ༥འཕགས་པ་སའི་སྙིང་བོ། ༦སྒྲིབ་པ་རྣམ་སེལ། ༧ ནམ་མཁའི་སྙིང་བོ། ༨འཕགས་པ་ཀུན་ཏུ་བཟང་བོའོ།།
འཕགས་པ་གནས་བརྟན་བཅུ་དྲུག་ནི།
 ༡ གནས་བརྟན་ཡན་ལག་འབྱུང་། ༢ གནས་བརྟན་མ་ཕམ་པ། ༣ གནས་བརྟན་ནགས་ན་གནས། ༤ གནས་བརྟན་དུས་ལྡན། ༥གནས་བརྟན་རྡོ་རྗེའི་བུ། ༦ གནས་བརྟན་བཟང་པོ། ༧ གནས་བརྟན་གསེར་བེའུ། ༨གནས་བརྟན་བྷ་ར་ངྷྭ་ཛ་གསེར་ཅན། ༩གནས་བརྟན་བ་ཀུ་ལ། ༡༠གནས་བརྟན་སྒྲ་གཅན་འཛིན། ༡༡ གནས་བརྟན་ལམ་ཕྲན་བསྟན། ༡༢གནས་བརྟན་བྷ་ར་ངྷྭ་ཛ་བསོད་སྙོམས་ལེན། ༡༣ གནས་བརྟན་ལམ་ཆེན་བསྟན། ༡༤ གནས་བརྟན་ཀླུའི་སྡེ། ༡༥གནས་བརྟན་སྦེད་བྱེད། ༡༦ གནས་བརྟན་མི་ཕྱེད་པའོ།།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།